དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྩིས་ཞིབ་ལྷན་ཁང༌།
- Home
- chevron_right
- དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྩིས་ཞིབ་ལྷན་ཁང༌།
དགའ་ལྡན་ཤར་རྩེ་གྲྭ་ཚང་གི་རྩིས་ཞིབ་ལྷན་ཁང༌།
རྩིས་ཞིབ་ལྷན་ཁང་ནི། ཕྱི་ལོ་ ༢༠༡༡ ལོར་ཡུལ་དུས་ཀྱི་དགོས་མཁོ་དང་བསྟུན་ཏེ་གསར་འཛུགས་བྱས་ཤིང༌། དེའི་ལས་འགན་གཙོ་བོ་ནི་གྲྭ་ཚང་གི་སྡེ་ཚན་གལ་ཆེན་རྣམས་ཀྱི་རྩིས་དེབ་དང་རྩིས་དང་འབྲེལ་བའི་ཡིག་ཆ་བདག་ཉར་བྱ་རྒྱུ་དང། གནས་ཡུལ་རྒྱ་གར་གཞུང་ལ་ཟླ་རེ་བཞིན་རྩིས་ཁྲ་ཕུལ་ཏེ། ཁྲིམས་སྒྲིག་གི་དགོངས་དོན་ལྟར་རྩིས་ཞིབ་ཚད་ལྡན་འབྱུང་ཐབས་བྱ་རྒྱུ་དེ་ཡིན།
གྲྭ་ཚང་གི་དབུ་བཞུགས་རྣམ་པའི་ལམ་སྟོན་འོག་ཆེད་མཁས་ཀྱི་ཡོན་ཏན་ལྡན་པའི་ལས་བྱེད་རྣམ་པས་རྩིས་དང་འབྲེལ་བའི་ཡིག་ཆ་བདག་ཉར་ཚགས་ཚུད་སྤུས་ལེགས་གནང་རྐྱེན་གྱིས། གྲ་ཚང་གི་ཁྱོན་ཡོངས་ཀྱི་རྩིས་ཁྲ་ཉར་ཕྱོགས་ཡར་རྒྱས་བྱུང་ཡོད། ལྷག་པར་དེང་རབས་ཀྱི་རྩིས་འཕྲུལ་བེད་སྤྱད་དེ། རྩིས་ཁྲ་བདག་ཉར་དེང་རབས་དང་མཐུན་པ་ཡོང་ཐབས་ཞུ་བཞིན་ཡོད།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།