དགའ་ལྡན་ཤར་རྩེ་དྷ་ས་ཁང་གསར། (ཞབས་བརྟན་ཁང་།)
- Home
- chevron_right
- དགའ་ལྡན་ཤར་རྩེ་དྷ་ས་ཁང་གསར། (ཞབས་བརྟན་ཁང་།)
དགའ་ལྡན་ཤར་རྩེ་དྷ་ས་ཁང་གསར།
(ཞབས་བརྟན་ཁང་།)
༡༩༧༧ ལོར་དགེ་འདུན་འདུས་མང་གི་འཚོ་རྟེན་ཆེད་དགེ་འདུན་པ་ཁ་ཤས་ཞབས་བརྟན་ལ་འགྲོ་རྒྱུ་བྱས་པ་དང་། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཁྱབ་བདག་བཀའ་འགྱུར་བ་ཉག་རེ་དགེ་བཤེས་སྟོབས་རྒྱལ་ལགས་བཅས་ཀྱི་བཀའ་སློབ་ལམ་སྟོན་དང་། ཐུགས་ཁུར་རྒྱབ་སྐྱོར་གྱི་བཀའ་དྲིན་སོགས་ལ་བརྟེན། ད་ལྟའི་ཞབས་བརྟན་ཁང་གི་ས་ཆ་འདི་ཐོག་མར་རེག་པར་མ་ཟད། གཙོ་ཆེ་དགེ་བཤེས་སྟོབས་རྒྱས་མཆོག་དང་སྐབས་དེའི་གྲྭ་ཚང་གི་རྒན་རིམ་པ་རྣམས་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་འབད་བརྩོན་ལྷོད་མེད་གནང་སྟེ། རིམ་བཞིན་ཁང་པ་འཛུགས་བསྐྲུན་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ནས། ད་ལྟའི་བཞུགས་སྒར་དྷ་རམ་ས་ལའི་དགའ་ཤར་ཞབས་བརྟན་འདི་བྱུང་།
དྷ་ས་ཞབས་བརྟན་ཁང་འདི་ནི་དེང་སྐབས་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་འདུན་འདུས་མང་གི་འཚོ་བའི་དམིགས་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཞབས་བརྟན་ཁང་འདིས་དད་ལྡན་སྦྱིན་བདག་རྣམས་ལ་རྐྱེན་སེལ་ཞབས་རིམ་འཐུས་ཚང་སྒྲུབ་བཞིན་པར་བརྟེན། དད་ལྡན་སྦྱིན་བདག་རྣམས་ལ་ཡང་ཕན་ཐོགས་མི་དམན་པ་བྱུང་དང་འབྱུང་བཞིན་ཡོད།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།