དགའ་ལྡན་ཤར་རྩེ་ཚན་རིག་ཁང་།

དགའ་ལྡན་ཤར་རྩེ་ཚན་རིག་ཁང་།

སྟོང་ལོ་གསར་བ་ནས་བཟུང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་ཀྱི་གདན་ས་ཁག་ཏུ་དེང་རབས་ཀྱི་ཚན་རིག་སློབ་སྦྱོང་བྱེད་པའི་ལེའུ་གསར་བ་ཞིག་གི་གཟི་འོད་རབ་ཏུ་འཕྲོས་ཏེ་ཕྱི་ལོ་2013 ལོར་དགའ་ཤར་ཚན་རིག་ལྟེ་གནས་ཁང་གསར་འཛུགས་བྱས། རིམ་གྱིས་ཚན་རིག་ལྟེ་གནས་ཁང་དེ་ཡང་སྡེ་ཚན་གང་གིས་ཁོངས་སུ་མི་གཏོགས་པར་གྲྭ་ཚང་རིན་པོ་ཆེའི་སྡེ་ཚན་བྱེ་བྲག་པ་ཞིག་ཏུ་གྱུར།


དང་པོ།
ཚན་རིག་སྡེ་ཚན་གྱི་དམིགས་ཡུལ།

གནའ་བོའི་རྒྱ་གར་གྱི་ནང་བའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ནཱ་ལེནྡྲའི་སློབ་དཔོན་རྣམས་ཀྱིས་ཕྱི་རིག་ནང་འདྲེན་བྱས་པའི་མཛད་རྗེས་ལ་མིག་དཔེར་བྱས་ནས་རིག་གསར་ཚན་རིག་དང་དེང་རབས་ཀྱི་ཉམས་ཞིབ་ཐབས་ལམ་གཉིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་བྱང་དག་དང་མ་འགལ་བར་གནའ་དེང་ཟུང་འབྲེལ་གྱི་ལས་ལ་འཇུག་རྒྱུ་ནི་དགའ་ཤར་ཚན་རིག་སྡེ་ཚན་འདི་བཙུགས་པའི་ཕུགས་བསམ་དང་དམིགས་ཡུལ་ཡིན།

གཉིས་པ། ཚན་རིག་འཛིན་གྲྭའི་སློབ་མ།

༡)  ཚན་རིག་འཛིན་གྲྭར་ཕེབས་དགོས་མཁན་གྱི་སློབ་མ་རྣམས་ནི། མཛོད་སྟོད། མཛོད་སྨད། འདུལ་སྟོད། འདུལ་སྨད།བཅས་གྱི་འཛིན་གྲྭ་ཡིན།

གསུམ་པ། ཚན་རིག་འཛིན་གྲྭ་འཚོགས་དུས།

༡) སློབ་དུས་དང་པོ། Semester 1  ཕྱི་ཟླ་༡༡ པའི་ཟླ་དཀྱིལ་ཙམ་ནས་ཁང་ཚན་གྱི་ལོ་སར་བར་ཡིན།

༢) སློབ་དུས་གཉིས་པ། Semester 2 སྟག་རྩེའི་སྒྲུབ་མཆོད་གྲོལ་ནས་ལོ་འཁོར་རྒྱུགས་སྤྲོད་( ཕྱི་ཟླ་༡༡) བར་ཡིན།

༣) ཉིན་རེའི་འཛིན་གྲྭ་ཚོགས་དུས་ནི།   མཛོད་སྟོད། མཛོད་སྨད། ཉིན་གུང་ཆུ་ཚོད་2-3.30 པར་དང་།
འདུལ་སྟོད། འདུལ་སྨད་བཅས་ཉིན་གུང་ཆུ་ཚོད་3:45-5.15 པར་ཡིན།

བཞི་པ། ཚན་རིག་འཛིན་གྲྭའི་སློབ་ཚན།

༡) སྐྱེ་དངོས་རིག་པ། དབང་རྩ་རིག་པ། ལྟ་གྲུབ་རིག་པ། དངོས་ཁམས་རིག་པ།

ལྔ་པ། ཚན་རིག་སྡེ་ཚན་གྱི་དམིགས་བསལ་གྱི་ལས་རིམ།

༡) དྲན་པ་ཉམས་རྒྱུད་ཀྱི་ན་ཚ་ཨལ་ཛི་མལ ( Alzeimer’s Disease ) སྐོར་ལ་ཞིབ་འཇུག
༢) སྒོམས་དང་ཐུགས་དམ་སྐོར་ལ་ཉམས་ཞིབ།
༣) ཨང་རྩིས་དང་དབྱིན་ཡིག གློག་ཀླད་སློབ་ཁྲིད། (གྲྭ་ཚང་རང་ཁོངས་ཀྱི་སློབ་གཉེར་བ་རྣམས་ཀྱི་ཆེད།)
༤) ཚན་རིག་དུས་དེབ། ( འདོན་ཐེངས་གསུམ་པར་དུ་བསྐྲུན་ཟིན )
༥) ཆོས་ཚན་བར་གྱི་བགྲོ་གླེང་དང་དཔྱད་རྩོམ་འགྲན་སྡུར། ( རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞེས་པའི་དཔྱད་རྩོམ་འགྲན་སྡུར་ཞིག་སྤེལ་ཟིན། )

དྲུག་པ། ཚན་རིག་རྒྱུགས་སྤྲོད་སྐོར།

༡) སློབ་ཐུན་གྱི་རྒྱུགས་སྤྲོད། ( སློབ་ཚན་རེ་རྫོགས་མཚམས་སུ་རྒྱུགས་སྤྲོད་གཏོང་གི་ཡོད། )
༢) ལོ་འཁོར་རྒྱུགས་སྤྲོད། ( གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་དང་མཉམ་དུ་གཏོང་གི་ཡོད། )

ཟུར་བརྗོད། ཚན་རིག་ལོ་འཁོར་རྒྱུགས་སྤྲོད་ཀྱི་སྐར་གྲངས་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ནང་ལ་ཕྱོགས་སྡོམ་བྱེད་ཀྱིན་ཡོད།

བདུན་པ། ཚན་རིག་སྡེ་ཚན་གྱི་སློབ་སྟོན་པ།

སྐུའི་གསུང་སྒྱུར་མཁས་དབང་དགེ་བཤེས་ཐུབ་བསྟན་སྦྱིན་པ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཟུར་པ་དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན།
ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་པ་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས།

བདུན་པ། ཚན་རིག་སྡེ་ཚན་གྱི་འགན་འཛིན་ཟུར་པ།

དགེ་བཤེས་ལྷ་རམས་པ་རྒྱལ་མཚན་དབང་འདུས། (2013 ནས་2016པར།
དགེ་བཤེས་ལྷ་རམས་པ་ཚུལ་ཁྲིམས་རྒྱལ་པ། (2016 ནས་2017པར།

བརྒྱད་པ། ཚན་རིག་སྡེ་ཚན་གྱི་ལས་བྱེད།

འགན་འཛིན་དགེ་བཤེས་བློ་བཟང་རྣམ་རྒྱལ། ( ཨེ་མོ་རི་སློབ་ཐོན་པ། )
འགན་འཛིན་ལས་རོགས་བློ་བཟང་དོན་འགྲུབ། ( ཨེ་མོ་རི་སློབ་ཐོན་པ། )
རྒྱུན་ལས་དགེ་བཤེས་མང་ཐོས་རྒྱ་མཚོ།
སློབ་དགེ་རྡོ་རྗེ་བཟང་པོ། ( Bsc b.ed +M.sc in zoology from rajasthan and delhi respectively.)
སློབ་དགེ་ངག་དབང་འབྱོར་རྒྱལ།( Bsc + M.sc in nutrition and dietic from christuniversity and rasjasthan respectively)

དགུ་པ། འབྲེལ་གཏུགས་ཁ་བྱང་།

gasharscience@gmail.com