དགའ་ལྡན་ཤར་རྩེ་ཤེས་ཡོན་ལྷན་ཚོགས།
- Home
- chevron_right
- དགའ་ལྡན་ཤར་རྩེ་ཤེས་ཡོན་ལྷན་ཚོགས།
དགའ་ལྡན་ཤར་རྩེ་ཤེས་ཡོན་ལྷན་ཚོགས།
༡༽ ཚོགས་པའི་བྱུང་རིམ་དང་དམིགས་ཡུལ།
ཤེས་ཡོན་ཚོགས་ཆུང་ནི། ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༡༧ ཉིན་གསར་འཛུགས་ཀྱིས་ལས་དོན་གཙོ་བོ་ནི། ༡) གྲྭ་ཚང་གི་སློབ་གྲྭ། ༢) དཔེ་མཛོད། ༣) གསར་ཞུགས་པའི་གྲངས་འབོར་མང་དུ་གཏོང་ཐབས་བྱ་རྒྱུ་དང་དེའི་མཐུན་རྐྱེན་འབད་སྒྲུབ། ༤) དགེ་འདུན་འདུས་མང་གི་འཚོ་བའི་མཐུན་རྐྱེན་འབད་སྒྲུབ། ༥) ནད་གཞི་ཛ་དྲག་ཐེབས་རིགས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དཀའ་ངལ་སེལ་ཆེད་ཛ་དྲག་སྨན་བཅོས་ཀྱི་མཐུན་རྐྱེན་མ་རྩ་འཛུགས་ཐབས་ཞུ་སོགས་ཡིན།
༢༽ ཤེས་ཡོན་ལྷན་ཚོགས་ཀྱི་གྲུབ་ཆ།
༡༽ ཚོགས་གཙོ། གྲྭ་ཚང་གི་དབུ་བཞུགས་མཁན་རིན་པོ་ཆེ།
༢༽ ཚོགས་གཞོན་དང་པོ། དགེ་བསྐོས་ལགས།
༣༽ ཚོགས་གཞོན་གཉིས་པ། དབུ་མཛད་ལགས།
༤༽ འགན་འཛིན། རྒྱུན་ལས་ཁོངས་ནས་རྒན་པ་གཅིག
༥༽ སློབ་སྟོན་པ། རྒྱལ་སྤྱི་ནང་པའི་མཐུན་ཚོགས་ཀྱི་དྲུང་གཞོན་མཁན་ཟུར་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་སོགས་གྲྭ་ཚང་གི་མཁན་ཟུར་རྣམ་པ་དང་། ཟོང་མཆོག་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་ཁག་ཅིག་དང་། སྐུའི་གསུང་སྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ། ཝ་ནཱ་མཐོ་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་སོགས་ཡོད།
༦༽ རྒྱུན་ལས། འོས་བསྡུའི་ཐོག་བསྐོ་བཞག་བྱས་པའི་སྐབས་སོ་སོའི་ཤེས་ཚོགས་ཀྱི་ལས་མི་བཞི་པོ་ངེས་པ་ཡིན།
༧༽ ཚོགས་མི། ཕྱག་མཛོད་བགྲེས་པ། སྦུག་པ་བགྲེས་པ། སློབ་སྤྱི་དང་སློབ་གྲྭའི་དགེ་རྒན། ཆེད་འཛུགས་དཔེ་ཁྲིད་དགེ་རྒན། སློབ་གཉེར་དགེ་རྒན། སློབ་གཉེར་ལྷན་ཚོགས། ཚན་རིག་འགན་འཛིན། དཔེ་མཛོད་འགན་འཛིན། སྨན་ཁང་གི་འགན་འཛིན། རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན། ཁང་ཚན་དགེ་རྒན་བཅུ་གཅིག་རྣམས་ཡིན།
༡༽ ཤེས་ཡོན་ཚོགས་ཆུང་གི་རྒྱུན་ལས་ཀྱི་ལས་ཡུན་ལོ་ལྔ་ཡིན།
༤༽ ལས་འགུལ་བྱ་ཕྱོགས་ལམ་སྟོན།
༡༽ གྲྭ་ཚང་གི་ཕྱི་རྒྱལ་ཆོས་ཚོགས་ཁག་ལ་འབྲེལ་བ་ཞུས་ཏེ། སྔར་ཡོད་ཆོས་ཚོགས་ཡར་རྒྱས་དང་གསར་པ་འཛུགས་ཐབས་འབད་བརྩོན་ཞུ་སྒོ་ཁག།
༢༽ ཕྱིར་བསྐྱོད་ཆོག་གྲ་བ་གཏོང་ཐབས་བྱ་རྒྱུ།
༣༽ སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་ཐད་གྲྭ་ཚང་གི་རྒྱུན་ལས་ཚོགས་ཆེན་དང་སློབ་གྲྭའི་རྒྱུན་དགེ །སློབ་ཚན་དགེ་རྒན་རྣམ་པ་བཅས་ལྷན་འཛོམས་ཐོག་སློབ་དགེ་གསར་བསྐོ་དགོས་མིན་དང་། སློབ་ཚན་སྣོན་འཕྲི་དགོས་མིན། སློབ་ཚན་གྱི་དུས་ཚོད་བཀོད་སྒྲིག་ཐད་སྣོན་འཕྲི་དགོས་མིན་ལོ་རེའི་ནང་ཉུང་མཐར་ཡང་ཐེངས་རེ་ཙམ་བཀའ་བསྡུར་གྱིས་སྣོན་འཕྲི་སྒྱུར་བ་ཇི་དགོས་ཕྱག་བསྟར་གནང་དགོས།
༥༽ ད་བར་གྱི་ཚོགས་ཆུང་འདིའི་འཛུགས་སྐྲུན་སྐོར།
ཚོགས་ཆུང་འདིས་ད་སྔོན་སློབ་གྲྭའི་འཛིན་ཁང་དང་། གྲྭ་ཚང་འདུ་ཁང་ཆེན་མོ། ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་། གྲྭ་ཚང་གི་སྨན་ཁང་། གནས་བརྟན་ཁང་། མགྲོན་ཁང་། རྒྱལ་ས་དྷི་ལིའི་དགའ་ལྡན་ཤར་རྩེའི་གསོལ་མགྲོན་ཁང་སོགས་གཞི་རྒྱ་ཆེ་བའི་འཛུགས་བསྐྲུན་གང་མང་གནང་བས་མཚོན། ཤེས་ཡོན་ཚོགས་ཆུང་སྐབས་སོ་སོས་ད་བར་སློབ་གཉེར་བའི་མཐུན་རྐྱེན་དམིགས་ཡུལ་དོན་འཁྱོལ་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།