དགའ་ལྡན་ཤར་རྩེ་སིང་ག་པུར་འགྲོ་ཕན་གླིང་ཆོས་ཚོགས།

དགའ་ལྡན་ཤར་རྩེ་སིང་ག་པུར་འགྲོ་ཕན་གླིང་ཆོས་ཚོགས།

ཕྱི་ལོ་ ༢༠༠༡ ལོར་སིང་ག་པུར་གྱི་རྒྱ་རིགས་ཀེ་རེན་ལིམ་ཧུཨི་ལིམ་དང༌། ཝ་ཡོ་ལེ་ཊེ་ཧོ་གཉིས་ཀྱིས་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུ་ལ་དད་མཇལ་སྐབས། སིང་ག་པུར་དུ་ཤར་རྩེ་གྲྭ་ཚང་གི་ཡན་ལག་ཆོས་ཚོགས་ཤིག་འཛུག་འཆར་སྙན་གསེང་དང་འབྲེལ། མིང་ཞིག་གསོལ་འདེབས་ཞུས་པར། ༧གོང་ས་མཆོག་གིས་ཆོས་ཚོགས་ཀྱི་མིང་ལ་འགྲོ་ཕན་གླིང་ཞེས་བསྩལ། དེ་ནས་རིམ་པས་ཆོས་ཚོགས་ཀྱིས་གསོལ་འདེབས་རིམ་ཞུས་དོན་ལྟར། ༸སྐྱབས་རྗེ་མཁན་ཟུར་བླ་ཏེ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༢ ཟླ་བ་ ༡༠ ཚེས་ ༡༧  ཉིན་སིང་ག་པུར་ལ་ཞབས་སོར་བཀོད་ནས། ཕྱི་ལོ་ ༢༠༠༢ ཟླ་ ༡༡ ཚེས་ ༣ ཉིན། དགའ་ལྡན་ཤར་རྩེ་སིང་ག་པུར་འགྲོ་ཕན་གླིང་ཆོས་ཚོགས་སྒོ་འབྱེད་དང་ཆོས་འབྲེལ་སོགས་གནང་། དེང་གྲྭ་ཚང་གི་དགེ་འདུན་པ་ཆེད་གཏོང་གིས་ཆོས་ཕྱོགས་ཀྱི་མཛད་རིམ་ལོ་ལྟར་རྒྱ་ཆེ་གནང་བཞིན་ཡོད།