དགའ་ལྡན་ཤར་རྩེ་སློབ་གཉེར་ལྷན་ཚོགས།

དགའ་ལྡན་ཤར་རྩེ་སློབ་གཉེར་ལྷན་ཚོགས།

༡༽ སློབ་གཉེར་ལྷན་ཚོགས་ཐོག་མའི་བྱུང་རིམ

ཕྱི་ལོ་ ༢༠༠༥ ཟླ་བ་ ༠༡ ཚེས་ ༢༣ དང་། ༢༤ ཉིན། སློབ་གཉེར་ཡར་རྒྱས་གོང་འཕེལ་འབྱུང་ཐབས་སུ་སློབ་གཉེར་ལྷན་ཚོགས་འདི་ཚུགས་པ་ཞིག་ཡིན།

༢༽ སློབ་གཉེར་ལྷན་ཚོགས་ཀྱི་གྲུབ་ཆ།

༡༽        ཚོགས་གཙོ།      གྲྭ་ཚང་གི་དབུ་བཞུགས་མཁན་རིན་པོ་ཆེ།
༢༽        ཚོགས་གཞོན་དང་པོ།       དགེ་བསྐོས་ལགས།
༣༽       ཚོགས་གཞོན་གཉིས་པ། དབུ་མཛད་ལགས།
༤༽     སློབ་སྟོན་པ། གྲྭ་ཚང་གི་མཁན་ཟུར་རྣམ་པ།
༥༽    རྒྱུན་ལས། སྐབས་སོ་སོའི་དགེ་བཤེས་དྲུག་པོ་ངེས་པ་ཡིན།

ལས་བྱེད་བསྐོ་བཞག་དང་ལས་ཡུན།

དབུ་བཞུགས་མཁན་རིན་པོ་ཆེ་མཆོག་གིས་རང་ཁོངས་དགེ་བཤེས་ལྷ་རམས་པའི་ཁོངས་ནས་མཚན་ཐོ་གོ་རིམ་བཞིན་དགེ་བཤེས་ལྷ་རམས་པ་དྲུག་སློབ་གཉེར་ལྷན་ཚོགས་སུ་བསྐོ་བཞག་དང་། ལས་ཡུན་ལོ་རེ་ཡིན།

༽ སློབ་གཉེར་ལྷན་ཚོགས་ཀྱི་ལས་འགན། 

སློབ་གཉེར་ལྷན་ཚོགས་ཀྱི་ལས་འགན་ནི། སྔ་དགོང་ཆོས་ར་ནམ་ཚོགས་སྐབས་ཐོ་གཤེར་གནང་དགོས། རྩོད་པར་གཟིགས་ཞིབ་དང་། ཁྱད་པར་དབང་པོ་རྟུལ་པོ་དང་གསར་བུ་བ་རྣམས་སློབ་གཉེར་ཡར་རྒྱས་ཡོང་ཐབས་གནང་དགོས། ལོ་རེའི་གཞུང་ཆེན་བགྲོ་གླེང་དང་། དམ་བཅའ་ཁག རྩོད་འགྲན། དཔེ་བཤད་སོགས་གོ་སྒྲིག་ཞུ་དགོས།