དབུ་བཞུགས་མཁན་རིན་པོ་ཆེའི་སྐོར། ཤར་རྩེ་བླ་བྲང་།
- Home
- chevron_right
- དབུ་བཞུགས་མཁན་རིན་པོ་ཆེའི་སྐོར། ཤར་རྩེ་བླ་བྲང་།
དབུ་བཞུགས་མཁན་རིན་པོ་ཆེའི་སྐོར། ཤར་རྩེ་བླ་བྲང་།
༡༽ མཁན་པོ་བསྐོ་བཞག་དང་། ལས་ཡུན།
མཁན་རིན་པོ་ཆེ་ནི། གྲྭ་ཚང་གི་དགེ་བཤེས་ལྷ་རམས་པའི་ཁོངས་ནས་ཕེབས་དགོས་ཤིང་། གྲྭ་མང་གིས་འོས་འདེམས་ཐོག་འོས་གྲངས་མཐོ་གྲས་རྣམས་ཁྲི་ཐོག་ཁང་བརྒྱུད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་དང་། དགའ་ལྡན་ཁྲི་རིན་པོ་ཆེ། ཆོས་རིག་ལས་ཁུངས་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་འབུལ་ཞུས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཡིད་བཞིན་ནོར་བུའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཕྱག་རྟགས་རིན་པོ་ཆེ་ཕྱིར་ཕེབས་གཞིར་བཟུང་གྲྭ་ཚང་གི་དབུ་བཞུགས་མཁན་རིན་པོ་ཆེར་ངེས་པ་ཡིན།
ཕྱག་རྟགས་རིན་པོ་ཆེ་དགའ་ལྡན་ཁྲི་ཐོག་ཁང་བརྒྱུད་གྲྭ་ཚང་གི་ཕྱག་མཛོད་ཁང་དུ་ཕེབས་པ་ན། མཁན་པོར་ངེས་པ་དེའི་ཁང་ཚན་ཐོག་ནས་བསང་གཏང་དགོས། གཟའ་སྐར་འཕྲོད་སྦྱོར་བཟང་བ་ཞིག་ལ་གྲྭ་ཚང་དགེ་བསྐོས་དང་དབུ་མཛད། མཁན་པོ་རྙིང་པའི་ཕྱག་མཛོད། ཕྱག་མཛོད་ཉག་རོང་སྡེ་པ་བཅས་ཀྱིས་ཕྱག་རྟགས་རིན་པོ་ཆེ་མཁན་རིན་པོ་ཆེའི་དྲུང་དུ་སྤོས་སྣེ་དང་བཅས་གདན་ཞུས་ཐོག་འབུལ་དགོས། དེ་ཉིན་མཁན་པོའི་བླ་བྲང་དུ་རྟེན་འབྲེལ་མཛད་སྒོ་བསྡུས་ཙམ་ཞིག་གནང་།
མཁན་པོ་གསར་པའི་བླ་བྲང་ནས་ཆོས་དོན་བརྒྱུད་གསར་མཇལ་སྙན་ཞུ་ཕུལ་ཏེ། མཁན་པོ་གསར་པ་ནས་༸གོང་ས་མཆོག་ལ་གསར་མཇལ་ཞུ་དགོས། དེ་རྗེས་མཁན་པོའི་ཁྲི་འདོན་མཛད་སྒོ་གནང་རྒྱུ་སོགས་སྒྲིག་གཞི་ཁག་ཏུ་གསལ་ལ་ལྟར་ཡིན། མཁན་པོའི་ལས་ཡུན་ནི་དེ་སྔ་བོད་དུ་ལོ་བཅུ་ཡིན་ཡང་། དེང་མང་ཆེ་བས་ལོ་བདུན་ཙམ་གནང་བཞིན་ཡོད། མཁན་པོའི་ལས་རྒྱུན་ལོ་གསུམ་སོང་རྗེས། རང་གི་མཚན་གྲྭ་ཚང་གི་མཁན་བརྒྱུད་གསོལ་འདེབས་ནང་དུ་འཛུགས་དགོས།
༡༽ འགན་དབང་།
མཁན་རིན་པོ་ཆེ་ནི་གྲྭ་ཚང་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་མཐོ་ཤོས་དེ་ཡིན་ཞིང་། བསླབ་པ་སློབ་གཉེར་གྱིས་གཙོས་གྲྭ་ཚང་གི་ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ལ་གཙོ་བོ་མཁན་རིན་པོ་ཆེས་སྟངས་འཛིན་དང་ལམ་སྟོན་གནང་དགོས་ལ། གྲྭ་ཚང་འདིར་སྒྲིག་ཞུགས་ཟིན་རིགས་མཁན་པོའི་འོག་ཏུ་མ་འདུས་པ་གཅིག་ཀྱང་མེད། ཆོས་ཐོག་ཆེ་ཁག་སོ་སོར་རྩིས་བཞག་དང་། ཟླ་བ་ཡར་ངོ་མར་ངོའི་གསོ་སྦྱོང་གི་མདོ་གསུང་རྒྱུས་མཚོན་གཞི་གསུམ་གྱི་བྱེད་སྒོ་ཁག དགེ་བཤེས་མཚན་གནས་སྩལ་རྒྱུ། གསར་ཞུགས་འདུ་བསྐོང་དང་སྡོམ་པ་འབོག་ཆོག བླ་སྤྱི་དང་གྲྭ་ཚང་གི་ཚོགས་འདུ་ཁག་གི་གཙོ་སྐྱོང་གནང་རྒྱུ། སྒྲིག་ལམ་ཀུན་སྤྱོད། བསླབ་པ་སློབ་གཉེར། ཆོ་ག་ཕྱག་ལེན་སོགས་གྲྭ་ཚང་གི་འཛིན་སྐྱོང་སྡེ་ཚན་ཚང་མར་གཟིགས་ཞིབ་དང་བཀོད་འདོམས་གནང་རྒྱུ་མ་ཟད། དགེ་ལུགས་སྤྱིའི་ཚོགས་འདུ་དང་ལས་དོན། གྲྭ་ཚང་གི་མཚན་ཐོག་ནས་ཕྱི་ལ་ཚོགས་འདུ་དང་འབྲེལ་བ་གནང་དགོས་སོགས་མཛད་འགན་ཧ་མང་པོ་ཡོད་ཅིང་། གཙོ་ཆེ་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་སྔར་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་དང་། དུས་བསྟུན་འགྱུར་བཅོས་དང་གསར་བཟོ་གནང་རྒྱུའི་འགན་བཞེས་དགོས།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།