དགའ་ལྡན་ཤར་རྩེ་ཟུང་ཆུ་ཁང་ཚན།

དགའ་ལྡན་ཤར་རྩེ་ཟུང་ཆུ་ཁང་ཚན།

ཟུང་ཆུ་ཁང་ཚན་ནི། སྔོན་མའི་དུས་སུ་ཁང་ཚན་འདིའི་གྲྭ་རྒྱུན་ཕལ་ཆེ་བ་མདོ་སྨད་ཨ་མདོ་ཟུང་ཆུ་ནས་ཡིན་པའི་རྒྱུ་མཚན་གྱིས་ཟུང་ཆུ་ཁང་ཚན་ཞེས་ཐོགས།

ཨ་མདོ་ཟུང་ཆུའི་ས་ཁུལ་དུ་འཁྲུངས་པའི་མཁས་དབང་སྨྲ་བའི་སེང་གེ་ཟུང་ཆུ་དཔལ་ལྡན་ཟླ་བ་སོགས་བྱོན།

༡༽ ཁང་ཚན་འདིའི་ཁྱབ་ཁོངས་སམ། གྲྭ་རྒྱུན་ཡོང་ཁུངས།
ཁང་ཚན་ལ་གྲྭ་རྒྱུན་ཡོང་ཁུངས་གཙོ་བོར་ཨ་མདོ་ཟུང་ཆུ་ནས་ཡིན་པ་དང་། བོད་དབུས་ཕྱོགས་ནས་ཀྱང་གྲྭ་རྒྱུན་ཡོད་ཅིང་། དེང་སྐབས་ཧི་མ་ལིའི་རི་རྒྱུད་ནས་ཀྱང་གང་མང་ཡོད།

༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན།
སྔར་བོད་དུ་སྟག་རྩེའི་སྒྲུབ་མཆོད་སྐབས་དགའ་ལྡན་ཡངས་པ་ཅན་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྒོ་ནས་ཆོ་ག་དང༌། དྲུག་པའི་ཚེས་བཞི། དགའ་ལྡན་ལྔ་མཆོད་ཆེན་མོ་དང༌། ལོ་གསར་བཅས་ངེས་ཅན་ཡིན། ཁང་ཚན་གྱི་སྲུང་མའི་གཙོ་བོ་དཔལ་ལྡན་ལྷ་མོ་ཡིན་ཞིང་། རྒྱུན་དུ་ཟླ་བསྐང་ཆག་མེད། ལོ་ལྟར་གཡང་སྒྲུབ་དང་། ཁང་ཚན་ལོ་གསར་སྐབས་དཔལ་ལྡན་ལྷ་མོའི་བསྐང་གསོ་དབྱངས་དང་བཅས་པ་དང་། གསོལ་ཚོགས། གཤེགས་གཏོར་སོགས་དམིགས་བསལ་གསུང་བཞིན་ཡོད། ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།

༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདིར་སྔོར་བོད་དུ་ཡོད་སྐབས་དགེ་འདུན་ཞལ་གྲངས་་་་་་་་་་་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་བཅུ་བཞི་ཙམ་ཕེབས་ཐུབ་པ་བྱུང་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་ཁག་ཅིག་བྱུང་ཞིང་། འགའ་ཞིག་སྦག་ས་ཆོས་སྒར་དུ་ཕེབས་ཐུབ་པ་བྱུང་ཡོད།
ག༽ ཐོག་མར་མོན་གྷོར་ཕེབས་སྐབས་དགེ་འདུན་པ་རེ་ཟུང་ལས་མེད་ཅིང་།
ང༽ དེང་སྐབས་དགེ་འདུན་པ་ ༣༡ ཡོད།

༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག གཉེར་བ་གཉིས་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ།