འཛིན་སྐྱོང་ཕྱག་མཛོད་ཁང་།

འཛིན་སྐྱོང་ཕྱག་མཛོད་ཁང་།

༡༽ ཕྱག་མཛོད་བསྐོ་བཞག་དང་ལས་འགན།

དགེ་འདུན་འདུས་མང་གིས་འོས་འདེམས་ཐོག་ཕྱག་མཛོད་བཅུ་བསྐོ་བཞག་བྱ་དགོས། ལས་ཡུན་ལོ་གསུམ་རེ་ཡིན། ལས་འགན་ནི། གྲྭ་མང་གི་འཚོ་བའི་མཐུན་རྐྱེན་མཁོ་སྒྲུབ་བྱ་རྒྱུ་དང་། རྒྱུན་གྱི་གསོལ་ཆས་འབུལ་རྒྱུ། འབྲེལ་ཡོད་གཞུང་སྒེར་ཁག་ལ་ཡིག་འབྲེལ། ས་གནས་གཞིས་ལས་ཁང་ལ་འབྲེལ་མཐུད། མཆོད་རྫས་དང་འཛིན་ཆས་བདག་ཉར། གྲྭ་ཇ་སོགས་རྒྱུན་གྱི་གསོལ་ཚོགས་ཀྱི་རིགས་དང་ཞབས་རིམ་ཁག་གོ་སྒྲིག འགྲུལ་པ་སྣེ་ལེན་ཞུ་སྒོ་སོགས་གྲྭ་ཚང་གི་འཛིན་སྐྱོང་གནང་སྒོ་ཁག་མཐའ་དག་གཙོ་བོ་ཕྱག་མཛོད་ཁང་གིས་འགན་བཞེས་གནང་བཞིན་ཡོད།

༽ ཕྱག་མཛོད་སྡེ་ཚནཁག

གྲྭ་ཚང་ཕྱག་མཛོད་ཁང་གི་ཁོངས་སུ་སྡེ་ཚན་སྣ་མང་ཞིག་ཡོད་པ་ལས། ཕྱག་མཛོད་ཉག་རོང་སྡེ་པ་གཅིག་དང་། རྩིས་པ་གཅིག འཛིན་ཆས་དང་མཆོད་རྫས། ཞབས་རིམ་ཁག་བཅས་ལ་འགན་བཞེས་པ་ཕྱག་མཛོད་གཅིག སྣེ་ལེན་འགན་བཞེས་ཕྱག་མཛོད་གཅིག ས་གནས་སུ་ཚོགས་འདུ་དང་། གྲྭ་ཚང་གི་ལས་དོན་ཆེད་ཕྱི་འགྲོའི་ཕྱག་མཛོད་གཅིག རྡ་སར་ཤར་རྩེ་ཞབས་བརྟན་ཁང་དུ་འགན་བཞེས་པ་ཕྱག་མཛོད་གཅིག རུང་ཁང་དུ་གཉེར་པ་ཕྱག་མཛོད་གཅིག ཕྱུགས་གསོ་དང་ཞིང་ལས་ཀྱི་འགན་བཞེས་པ་ཕྱག་མཛོད་གཅིག ཚོང་ཁང་གི་འགན་བཞེས་པ་ཕྱག་མཛོད་གཉིས་བཅས་ཕྱག་མཛོད་སོ་སོའི་འགན་བཞེས་བྱ་དགོས།

༣༽ ཕྱག་མཛོད་ཁང་གི་ཁྱབ་ཁོངས་ལས་བྱེད་སྡེ་ཚན།

དྲུང་ཡིག་དང་རྩིས་པ། འགྲུལ་པ་སྣེ་ལེན་ཁང་། གནས་བརྟན་བགྲེས་སོང་ཁང་། བསེ་ཁྲབ་ཁང་། གཟིམ་ཆུང་དཀོན་གཉེར། དུང་པ་དང་རྒྱ་གླིང་པ། མཆོད་བཟོ་ཁང་། རུང་ཁང་། ལས་བྱེད་སྤྱི་ཐབ་ཁང་། དྭངས་གཙང་ཆུ་བཙོང་། ཟ་ཁང་། ཇ་ཁང་། ཚོང་ཁང་། ཚེམ་བཟོ་ཁང་། སྐམ་གློག་ལས་བྱེད། ཁ་ལོ་བ། རྡ་ས་ཞབས་བརྟན་ཁང་། ལྡི་ལིའི་མགྲོན་ཁང་སོགས་ཡོད།