དགའ་ལྡན་ཤར་རྩེ་རྟ་དབོན་ཁང་ཚན།
- Home
- chevron_right
- དགའ་ལྡན་ཤར་རྩེ་རྟ་དབོན་ཁང་ཚན།
དགའ་ལྡན་ཤར་རྩེ་རྟ་དབོན་ཁང་ཚན།
རྟ་དབོན་ཁང་ཚན་ནི། འདི་རྗེ་བླ་མའི་དངོས་སློབ་ཏཱ་དབོན་ནམ་མཁའ་སེང་གེས་བཙུགས་ཏེ། སྤྱི་ཁང་བཞེངས་པ་དང་། ཀླུ་གནས་པའི་སྙིང་གའི་ཐད་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བཞེངས་པ་རྗེ་བླ་མས་རབ་གནས་གནང་བའི་བྱིན་རླབས་ཆེ་བ་ཡིན་པས། ཏཱ་དབོན་བྱམས་པ་ཁང་ཚན་ཞེས་ཐོགས།
ཏཱ་དབོན་ནམ་མཁའ་སང་གེདང་། མཁས་དབང་རྒྱ་མ་བ་གྲགས་པ་རིན་ཆེན་སོགས་བྱོན།
༡༽ ཁང་ཚན་འདིའི་ཁྱབ་ཁོངས་སམ། གྲྭ་རྒྱུན་ཡོང་ཁུངས།
ཁང་ཚན་གྱི་གྲྭ་རྒྱུན་དེ་སྔ་ཨ་མདོ་རྟ་དབོན་དང་དབུས་པ་གཉིས་ཡིན་པ་དང་། དེང་སྐབས་ཧི་མ་ལའི་ནང་པའི་མི་རིགས་གང་མང་ཡོད།
༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ་གལ་ཆེན།
ཁང་ཚན་གྱི་སྲུང་མའི་གཙོ་བོ་བསྟན་སྲུང་བསེ་ཁྲབ་པ་ཡིན་ཞིང་། རྒྱུན་དུ་ཟླ་བསྐང་ཆག་མེད། གཡང་སྒྲུབ། བྱམས་པའི་སྟོང་མཆོད། ཁང་ཚན་ལོ་གསར་སྐབས་དམིགས་བསལ་ཞབས་རིམ་གསུང་ཆོག ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།
༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ ཁང་ཚན་འདི་ལ་སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་ ༦༠ ལྷག་ཡོད།
ཁ༽ བོད་ནས་ཐོག་མར་བཙན་བྱོལ་དུ་དགེ་འདུན་ ༡༦ ཙམ་ཕེབས་ཐུབ་པ་བྱུང་ཁོངས་ནས་ཌལ་ལ་ཧོ་སེ་དང་ལམ་བཟོ་ལ་ཕེབས་མཁན་ཁག་ཅིག་བྱུང་ཞིང་། སྦག་ས་ཆོས་སྒར་དུ་དགེ་འདུན་ ༡༢ ཕེབས་ཐུབ་པ་བྱུང་ཡོད།
ག༽ ཐོག་མར་མོན་གྷོར་འབྱོར་སྐབས་དགེ་འདུན་པ་ ༨ ཙམ་ཡོད།
ང༽ དེང་སྐབས་དགེ་འདུན་པ་ ༥༣ ཙམ་ཡོད།
༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་དགེ་རྒན་གཅིག དབུ་མཛད་གཅིག གཉེར་བ་གཉིས། སྦུགས་པ་གཉིས་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།