དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན།
- Home
- chevron_right
- དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན།
༡༽ དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན།
༄༅། །རྡོ་ཁང་ཁང་ཚན་ནི། རྗེ་ཙོང་ཁ་པ་ལ་མི་མ་ཡིན་གྱིས་རྣམ་སྲས་རྟ་བདག་བརྒྱད་ཕུལ། དེ་རྗེ་ཙོང་ཁ་པ་ཆེན་པོས་རྗེ་བློ་གྲོས་ཆོས་སྐྱོང་ལ་གནང་བས་རྡོ་ཁང་རྣམ་སྲས་ཞེས་བརྗོད། དགའ་ལྡན་ཁྲི་ཐོག་ལྔ་པ་རྗེ་བློ་གྲོས་ཆོས་སྐྱོང་། རྒྱལ་བའི་ཡོངས་འཛིན་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སྐུ་འཕྲེང་རིམ་བྱོན་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན།
༡༽ གྲྭ་རྒྱུན་ཡོང་ཁུངས་ནི། ཁང་ཚན་འདི་ལ་དེ་སྔོན་མི་ཚན་བདུན་ཡོད་པ། བསམ་གླིང་། ཡང་སྟེང་། རྨི་ལི་འམ། མུ་ལི། བྱུ་རུང་། གངས་གླིང་། ཐང་སྐྱ། བཞི་ཚོན་བཅས་ཡིན་པས། གྲྭ་རྒྱུན་ཡང་གཙོ་བོ་ས་ཁུལ་དེ་དག་ནས་ཡིན་ཡང་། དེང་སྐབས་སྤི་ཏི་སོགས་ཧི་མ་ལའི་རི་རྒྱུད་ཀྱི་ས་ཁུལ་གང་མང་དང་། ཕྱི་གླིང་གཞན་སོགས་འདྲ་མིན་ནས་ཡོད།
༢༽ ཁང་ཚན་གྱི་ཆོས་ཕྱོགས་ཀྱི་མཛད་རིམ། རྡོ་ཁང་བཅོ་ལྔ་མཆོད་པ་ཞེས་གྲགས་པ་དེ་ནི་དགའ་ལྡན་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་གྱི་དགོངས་རྫོགས་དུས་ཆེན་ཡིན་ཞིང་། བོད་ཟླ་ ༡༠ ཚེས་ ༡༤ ཉིན་བསྐང་གསོ་དང་། ཚེས་ ༡༥ ཉིན་ཆོས་སྤྱོད་དུས་བཟང་དབྱངས་དང་བཅས་པ་འཚོགས་ཀྱི་ཡོད། ཁང་ཚན་གྱི་སྲུང་མ་གཙོ་བོ་རྣམ་སྲས་ཡིན་ཞིང་། ཟླ་བསྐང་ཆག་མེད། གཡང་སྒྲུབ་ཉིན་གསུམ། ཁང་ཚན་བ་ར་དམ་བཅའ་དང་། སྐྱོར་བརྡ་སོགས་འཚོགས་ཀྱི་ཡོད།
༣༽ ཁང་ཚན་གྱི་དགེ་འདུན་ཞལ་གྲངས།
ཀ༽ སྔར་བོད་དུ་དགེ་འདུན་པའི་ཞལ་གྲངས་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་།
ཁ༽ སྦག་ས་ཆོས་སྒར་དུ་དགེ་འདུན་པའི་ཞལ་གྲངས་ ༣༦ ཡོད།
ག༽ ཐོག་མར་མོན་གྷོར་འབྱོར་སྐབས་དགེ་འདུན་པ་་་་་་་་་་ཡོད།
ང༽ དེང་སྐབས་དགེ་འདུན་པའི་ཞལ་གྲངས་ ༧༧ ཙམ་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ཟླ་དང་པོའི་ཚེས་ ༣ ཉིན། རི་བོ་དགེ་ལུགས་པ་སྤྱིའི་སྒྲིག་གཞིའི་དགོངས་དོན་ལྟར། གྲྭ་ཚང་གི་ཚོགས་ཡོངས་སུ་དོལ་རྒྱལ་བསྟེན་གསོལ་མི་གནང་རྒྱུ་མནའ་སྐྱེལ་དམ་འབུལ་གཙང་ཞུས་ཀྱིས་ཆོས་མཐུན་གྱི་ཚུལ་ཤིང་ལེན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་གནང་མཁན་ཁང་ཚན་འདི་ནས་དགེ་འདུན་པ་བཞི་བཅུ་ཞེ་ལྔ་ཡན་མན་ཙམ་ཡོད་པ་དང་། དེ་ནས་བཟུང་༸གོང་ས་མཆོག་གི་རླབས་ཆེན་ཐུགས་དགོངས་གཞིར་བཟུང་། དགེ་འདུན་པ་དེ་དག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཁང་ཚན་བཅུ་གཅིག་ཁོངས་སུ་རྡོ་ཁང་ཁང་ཚན་གྱི་མིང་གནས་བཟུང་དང་འཛིན་མུས་ཡིན།
༤༽ འཛིན་སྐྱོང་སྡེ་ཚན་སྐོར།
ཁང་ཚན་རྒན་གཅིག དབུ་མཛད་གཅིག འཛིན་སྐྱོང་ཚོགས་ཆུང་། ཕྱག་མཛོད། གཉེར་བ་གཅིག་བཅས་ཡོད།
ཁང་ཚན་འདིའི་ཞིབ་ཕྲའི་ལོ་རྒྱུས་གྲྭ་ཚང་གི་ཆོས་འབྱུང་དེབ་ཕྲེང་གཉིས་པར་གསལ་ལོ།།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།