ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༧ ཚེས་ ༢༥ ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་དུ། གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་དང་སློབ་གཉེར་བ་རྣམས་དང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་ཁག་གཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བསྙེན་མཚམས་ལས་རུང་ཉིན་གྲངས་ ༢༡ དང་། དཔའ་གཅིག་དང་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་མཚམས་ལས་རུང་ཉིན་གྲངས་ ༡༤ རེ་བཞུགས་ཏེ། མཇུག་ཏུ་ལས་རུང་གི་ཁ་སྐོང་སྦྱིན་སྲེག་དང་། བདག་འཇུག གསོལ་ཚོགས་བཅས་ཕུལ་ཏེ་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་དབྱར་གནས་ཀྱི་གོང་དུ་ལེགས་གྲུབ་བྱུང་ཡོད།