དགའ་ལྡན་ཤར་རྩེ་འཕྲོད་བསྟེན་སྨན་ཁང་། 

དགའ་ལྡན་ཤར་རྩེ་འཕྲོད་བསྟེན་སྨན་ཁང་། 

༡༽ འགན་འཛིན་དང་ལས་བྱེད།

ཕྱི་ལོ་ ༡༩༧༠ ནས་གྲྭ་ཚང་ལ་སྨན་ཁང་ཆུང་ཆུང་ཞིག་བཙུགས་པ་དེ་ཕྱིས་སུ་རྒྱ་སྐྱེད་བཏང་སྟེ། ཕྱི་ལོ་༢༠༠༧ ལོར་ད་ལྟའི་གྲྭ་ཚང་འཕྲོད་བསྟེན་སྨན་ཁང་འདི་གསར་བསྐྲུན་བྱས།

སྨན་ཁང་འགན་འཛིན་དང་། རྩིས་དྲུང་གཅིག་རེ་བསྐོ་བཞག་ཐོག ལས་ཡུན་ལོ་གསུམ་རེ་ཡིན། སྨན་ཞབས་པ་སོགས་ལས་བྱེད་གཞན་རྣམས་ལས་ཡུན་ངེས་མེད་ཡིན།

༽ སྨན་ཁང་གི་ལས་འགན་གཙོ་བོ།

སྤྱི་ཚོགས་འཕྲོད་བསྟེན་ཡར་རྒྱས་གཏང་རྒྱུ་དང་། ཁྱད་པར་གྲྭ་ཚང་འདིའི་དགེ་འདུན་པ་རྣམས་ལ་སྨན་པ་ཆེད་མཁས་པ་གདན་ཞུས་ཀྱིས་བརྟག་དཔྱད་དང་འཕྲོད་བསྟེན་སློབ་གསོ། ནད་གཞི་སྔོན་འགོག རྒྱུན་དུ་ནད་པར་གཟིགས་རྟོག་དང་། སྨན་ཁང་དུ་ཉལ་དགོས་བྱུང་བའི་ནད་པ་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད། ཁོར་ཡུག་གཙང་སྦྲ། སྨན་ཁང་འདི་ནས་བཅོས་མ་ཐུབ་པ་རྣམས་སྨན་ཁང་གཞན་དུ་འབྲེལ་མཐུད་མཚམས་སྦྱོར། ཕྱི་ལ་འབྲེལ་བ་དང་སྨང་ཁང་གི་ཆེད་དཔལ་འབྱོར་གསོག་སྒྲུབ་བྱ་རྒྱུ་སོགས་ཡིན།