དགའ་ལྡན་ཤར་རྩེ་ཨ་རི་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས།
དགའ་ལྡན་ཤར་རྩེ་ཨ་རི་ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས།
ཕྱི་ལོ་ ༡༩༧༨ ལོར་ཨ་རིའི་སློབ་མ་མང་པོས་རེ་བསྐུལ་ལྟར་དགའ་ཤར་ལྷོ་པ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ཀྱིས་ལོ་སེ་ཨེན་ཇི་ལི་སི་གྲོང་ཁྱེར་ནང་ཆོས་ཚོགས་ཤིག་ཐོག་མར་བཙུགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཐུབ་བསྟན་དར་རྒྱས་གླིང་ཞེས་ཆོས་ཚོགས་ཀྱི་མིང་དུ་བཀའ་དྲིན་སྩལ་མཛད་ཡོད་ལ། ཆོས་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་བཀའ་ཆོས་གོ་སྒྲིག་ལན་མང་ཞུས།
ཕྱི་ལོ་ ༢༠༠༨ ལོར་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་མཆོག་སྙུང་གཞི་བཞེས་ཏེ་དགོངས་པ་གཤེགས་ཉེའི་སྐབས་ཞལ་ཆེམས་ཡིག་ཆའི་ནང༌། ཐུབ་བསྟན་དར་རྒྱས་གླིང་ཆོས་ཚོགས་འདི་དགའ་ལྡན་ཤར་རྩེ་གྲྭ་ཚང་ལ་ཕུལ་བ་ཡིན་པས། གྲྭ་ཚང་ནས་ལྟ་རྟོག་ལེགས་པོ་གནང་དགོས་ཞེས་འཁོད་པ་ལྟར། གྲྭ་ཚང་ནས་རྩིས་ལེན་ཞུས་ཏེ། ཆོས་ཚོགས་ཀྱི་མིང་ཡང་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་དུ་བསྒྱུར་ནས་དེང་སྐབས་ཤར་རྩེ་གྲྭ་ཚང་ནས་རྒྱུན་སྡོད་དབུ་བླ་དགེ་བཤེས་དང་དགེ་འདུན་པ་བཏང་ནས་གྲྭ་ཚང་གིས་འཛིན་སྐྱོང་གནང་མུས་དང་། ཆོས་ཚོགས་ཀྱིས་གྲྭ་ཚང་གི་ཕྱོགས་བསྐྱོད་ཆོག་གྲྭ་བ་ཐེངས་མང་གོ་སྒྲིག་སོགས་ཞུས་ཡོད།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།