དགའ་ཤར་ནོར་གླིང་གནས་བརྟན་ཁང་། 

དགའ་ཤར་ནོར་གླིང་གནས་བརྟན་ཁང་། 

གྲྭ་ཚང་རང་ཁོངས་ཀྱི་གནས་བརྟན་བགྲེས་སོང་རྣམས་ཀྱིས་ཞི་བདེ་བག་ཕེབས་ངང་དམིགས་བསལ་ཚོགས་བསགས་སྒྲིབ་སྦྱང་དང་། ཉམས་ལེན་གནང་རྒྱུ་སོགས་ཀྱི་ཆེད་ཕྱི་ལོ་ ༢༠༠༥ ལོར་གྲྭ་ཚང་གནས་བརྟན་ཁང་འདི་ཉིད་གསར་བསྐྲུན་ཞུས། ཞབས་ཞུ་ལས་བྱེད་གཉིས་བསྐོ་བཞག་ཐོག་འཛིན་སྐྱོང་ཕྱག་མཛོད་ཁང་གིས་གནང་བཞིན་ཡོད།