རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བཀའ་ཁྱབ་ཕེབས་དགོངས་བཞིན། བོད་རབ་གནས་ཤིང་འབྲུག་ལོའི་བོད་ཟླ་ ༦ ཕྱི་མའི་བོད་ཚེས་ ༡༤།༡༦།༡༧ དང་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༨ ཚེས་ ༡༨།༢༠།༢༡ བཅས་ཉིན་གསུམ་རིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དང་གྲྭ་ཚང་གི་དཔེ་ཁྲིད་རྒན་རྣམས་ཀྱིས་སྔོན་འགྲོ་དང་པོ་ནས་འདུལ་བ་གཞི་སྨད་བར་གྱི་སློབ་གཉེར་བ་དགེ་ཚུལ་དང་དགེ་སློང་རྣམས་ལ་གཞི་གསུམ་གྱི་སྐོར་དང་། དགེ་སློང་གི་སྲུང་བྱ་ངོ་སྤྲོད་དང། དེ་བཞིན་དབུ་མ་འཛིན་གྲྭ་གསུམ་དང་ཕར་ཕྱིན་འཛིན་གྲྭ་ལྔ་ལ་ཉིན་མཐའ་མར་སྤྱོད་འཇུག་ཆེན་མོའི་ལེའུ་ཆ་བགོས་ཀྱིས་སློབ་ཁྲིད་བྱས་ཡོད།