ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༠༡ ཉིན་ནས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ནས་འཛིན་གྲྭ་ཁ་དོག་དཀར་དམར་ནས་འདུལ་བ་གཞི་སྨད་བར་རྩོད་རྒྱུགས་སྡེ་ཚན་གསུམ་དང་། བློ་རྒྱུགས་སྡེ་ཚན་བཅོ་ལྔ། བྲིས་རྒྱུགས་ཀྱི་སྡེ་ཚན་གཉིས་བཅས་སྡེ་ཚན་སོ་སོ་ནས་རྒྱུགས་སྤྲོད་ཀྱི་བྱེད་སྒོ་རྣམས་གྲུབ་ནས་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་དགོང་མོ་རྒྱུགས་སྤྲོད་ཀྱི་འཇུག་སྡོམ་ཚོགས་འདུ་དང་བཅས་རྒྱུགས་སྤྲོད་རྒྱལ་ཁའི་ངང་གྲོལ།
འཕྲིན་གསར་།
- དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཞི་གསུམ་གྱི་སྐོར་དམིགས་བསལ་སློབ་ཁྲིད་ཞུས་པ།
- ཟླ་ལྷག་ཆོས་ཐོག་ནང་བསྙེན་མཚམས་ལས་རུང་བཞུགས་པ།
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༧ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཕྱི་ལོ་ ༢༠༢༢ ལོའི་དགེ་བཤེས་རྣམས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོའི་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༨ ནས་ཉིན་བཞིའི་རིང་ལ་ལོ་འཁོར་འཛིན་གྲྭའི་རྩོད་འགྲན་ཆེན་མོ་འཚོག
- ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་ལེགས་པར་གྲུབ།