ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ཚེས་ ༢ ནས་ཚེས་ ༥ བར་ཉིན་བཞིའི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་༸རྒྱལ་བའི་བཀའ་བསྟན་གཙོ་བོར་གྱུར་པའི་རྩ་ཆེའི་ཡིག་ཆ་རྙིང་པ་ཁག་སྲུང་སྐྱོབ་ཆེད་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་བརྩམས་པ་དང། ཨ་རིའི་རོགས་ཚོགས་ནས་མཐུན་འགྱུར་རོགས་ཚོགས་གནང་སྟེ་ད་ལམ་འདི་ག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དཔེ་མཛོད་ཁང་དུ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་རྒྱབ་ལྗོངས་ཞིབ་འཇུག་གི་ལས་འཆར་ལེགས་གྲུབ་བྱུང་སྟེ་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་གདན་ཞུས་ཀྱིས། ཆོས་རིག་ཀྱི་ལས་བྱེད་རྣམས་ནས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ངོ་སྤྲོད་དང་དེའི་ཕན་ཡོན་བཅས་ཀྱི་གསལ་བཤད་དང་། མཐར་མཁན་རིན་པོ་ཆེ་མཆོག་དང་དཔེ་མཛོད་ཀྱི་ལས་བྱེད་ཡོངས་དང། མཉེན་ཆས་དེ་དང་འབྲེལ་བའི་ལས་བྱེད་ཁག་མཉམ་བསྡུས་སྐུ་པར་སྒྲོན་པ།